༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
ལྷག་པ། བོད་ཟླ་ ༧ ཚེས་ ༤
Wed 27-08-2025
ཚེས་ཁོངས། ལྷག་པ། ༤ ནག་པ། ཆུ་རླུང་། དགེ་བ། དམག མེ་ལྷ། བ་དན། ཚེས་ཁོངས།
གཟའ། ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན།། སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམ་བྱ་འབྲེལ་སྟེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེངས་པ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན་བྲན་བསྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ།། རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོའི་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང༌། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི།། ཁྱིམ་དུ་སླེབས་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང༌།། ཚེས། ཚེས་བཞི་སྐྲ་འཁྲུ༌བྲན་གཡོག་བསྟེན། །ཕྱག་བྱ་ཤིང་གཅོད་ཚོང་བྱ་བ། །ཆང་བཙོ་དཀར་ཕྱོགས་ཞི་ལས་བཟང་། །རབ་བྱུང་རབ་གནས་དམག་འདྲེན་དང་། །ཞལ་ལྕེ་གཅོད་དང་ལམ་ཞུགས་དང་། །འབྲུ་འདེབས་བག་མ་གཏར་སྲེག་དང་། །རྫིང་ཁྲོན་འདྲུ་རྣམས་ངན་པས་སྤང་།། སྐར་མ། ནག་པ་ཟློས་སྐར་རླུང་གི་ཁམས། །མྱུར་བཟང་གནག་ཕྱུགས་ར་ཡི་བླར། །རྟེན་བཞེངས་དཀྱིལ་འཁོར་འདྲི་སྒྲུབ་དབང་། །རབ་བྱུང་ཆོས་ཉན་ཚེ་གཡང་འགུགས། །མདུན་གྲོས་དྲ་གྱོན་རྒྱན་འདོགས་པ། །སྨན་སྦྱོར་སྐྲ་འཁྲུ་བཟོ་ཡི་རིགས། །ར་དང་གནག་ཕྱུགས་ཚུར་ལེན་པ། །ཞིང་ལས་ས་བོན་ཕྱུགས་འདུལ་རྒྱུག །ཁང་གསར་འཛིན་དང་མདོས་གཏོར་འཕང༌། །གཡོས་བྱ་གསོན་གྱི་དགེ་ལས་དང༌། །དབང་རྒྱས་དྲག་དང་མྱུར་ལས་བཟང་། །ལྷ་གསོལ་རབ་གནས་རྒྱལ་སར་བསྐོ། །དགེ་བཤེས་ཆེ་འདོན་ཞུ་བ་བྱེད། །ར་ཕྱུགས་པར་འཇལ་ལམ་དུ་འཇུག །རྒྱལ་སྲིད་བྱ་བ་བསྙེན་བཀུར་དང་། །དགྲ་འཐབ་ཞལ་ཆེ་བུ་འབོགས་བག །དུར་འདེབས་དུར་ཁ་འབྱེད་ཤིང་སྐྱས། །རྐུན་ཇག་རྫིང་ཡུར་བང་མཛོད་དབྱེ། །ལྟད་མོ་ཆུ་རགས་མིང་འདོགས་པ། །དོན་གཉེར་མོ་རྩིས་ཞི་ལས་ངན།། འབྱུང་འཕྲོད། ཆུ་རླུང་འཕྲད་པ་མི་མཐུན་སྦྱོར། །མི་མཐུན་སྦྱོར་བས་གཉེན་བཤེས་འབྱེད། །དབྱེན་དང་ཕྲ་མ་གཞུགས་པ་དང་། །དགྲ་བོ་དབྱུང་བའི་ལས་རྣམས་བྱ།། སྦྱོར་བ། དགེ་བ་གསོན་སྟོན་བྱེད་པ་བཟང་། གནམ་སྒོ། དམག་གི་གནམ་སྒོར་དམག་དྲངས་ན། །གཡུལ་ཕམ་གཡུལ་ཉེས་ལན་དགུ་ཟློས།།  མེ་ལྷ། མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། ། བ་དན། ས་བདག་བ་དན་ཁྲ་བོ་ཤར་བའི་སྐབས་འཁེལ་བས། དར་ཆེན། རྒྱལ་མཚན། དར་ལྕོག ཐུག ཤམ་བུ། དར་གྱི་རིགས་བཙུགས་ན། དར་དེ་མ་ཟད་བར་དུ་ས་བདག་འཁོར་བཅས་ཁྲོས་ཏེ་དགེ་མེད་སྐྱོན་འགྱུར་ཆེ་བས་གཟའ་སྐར་བཟང་ཡང་སྤོང་དགོས།
- - -