༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
དམིགས་བསལ་དུས་ཆེན། Special Days
  • ༄༅། །མདོ་རྒྱུད་བསྟན་བཅོས་དག་ལས་གསུངས་པའི་དུས་ཆེན་རྣམས་ཀྱི་དུས་ཚིགས་དང་འབྲས་བུ་ནི། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཛད་པ་ཁྱད་པར་ཅན་གྱི་དུས་ཚིགས་ཡིན་ཏེ། དེའི་དུས་སུ་དགེ་སྡིག་གང་བྱས་ཀྱང་མང་དུ་འཕེལ་ནས་ལྡབ་མང་པོར་འགྱུར་འགྲོ་བས་ཚང་མས་ཐུགས་གཙིགས་ཅིས་ནས་ཀྱང་གནང་དགོས་པའི་གནད་དམ་པར་ལགས་ན།
  • འདིར་དུས་ཆེན་གཙོ་ཆེ་བ་འགའ་ཞིག་གླེང་ན།
  • མཆུ་ཟླའི་ཚེས་༡ ནས་༡༥ བར་ཆོ་འཕྲུལ་དུས་ཆེན།
  • ནག་ཟླའི་ ༡༥ དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན།
  • ས་ག་ཟླ་བའི་ཚེས་ ༨ ལ་སྐུ་འཁྲུངས་པ་དང་ཚེས ༡༥ ལ་སངས་རྒྱས་དང་མྱ་ངན་ལས་འདས་པ་བཅས་སངས་རྒྱས་ཤཱཀྱ་ཐུབ་པའི་དུས་ཆེན་སུམ་སྦྲགས།
  • ཆུ་སྟོད་ཟླ་བའི་ཚེས་ ༤ ལ་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན།
  • ཐ་སྐར་ཟླ་བའི་ཚེས་ ༢༢ ལྷ་ལས་བབས་པའི་དུས་ཆེན།
  • སའི་སྙིང་པོས་ཞུས་པའི་མདོ་དང་། ཡོངས་གྲགས་ལུགས་བསྟུན་གྱི་དུས་ཆེན་ཁག་ནི། ཟླ་བ་བྱུང་ངོ་ཅོག་གི།
  • ཚེས་ ༡ སངས་རྒྱས་ཏིང་འཛིན་རྒྱལ་པོའི་དུས་ཆེན།
  • ཚེས་ ༨ སངས་རྒྱས་སྨན་བླའི་དུས་ཆེན།
  • ཚེས་ ༡༠ ཨོ་རྒྱན་རིན་པོ་ཆེའི་དུས་ཆེན།
  • ཚེས་ ༡༤ བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་ཀྱི་དུས་ཆེན།
  • ཚེས་ ༡༥ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དུས་ཆེན།
  • ཚེས་ ༢༡ འཕགས་པ་སྤྱན་རས་གཟིགས་ཀྱི་དུས་ཆེན།
  • ཚེས་ ༢༣ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དུས་ཆེན།
  • ཚེས་ ༢༤ སངས་རྒྱས་སའི་སྙིང་པོའི་དུས་ཆེན།
  • ཚེས་ ༢༥ མཁའ་འགྲོ་འབུམ་ཕྲག་གི་དུས་ཆེན་ནམ་མཁའ་འགྲོའི་དུས་ཆེན།
  • ཚེས་ ༢༨ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དུས་ཆེན།
  • ཚེས་ ༢༩ སངས་རྒྱས་སྨན་བླ་དང་། ཆོས་སྐྱོང་གི་དུས་ཆེན།
  • ཚེས་ ༣༠ སངས་རྒྱས་ཤཱཀྱ་ཐུབ་པའི་དུས་ཆེན།
  • དེ་བཞིན་དུ། གཟའ་འཛིན་ཐད་འཇམ་དཔལ་རྩ་བའི་རྒྱུད་སོགས་ལས། ཟླ་བ་འཛིན་དུས་དགེ་སྡིག་བྱེ་བ་བདུན་འགྱུར་དང༌། ཉི་མ་འཛིན་དུས་བྱེ་བ་འབུམ་འགྱུར་དུ་གསུངས་ལ། ཉི་མ་ལྡོག་པའི་དུས་དགེ་སྡིག་གང་བྱས་བྱེ་བ་འབུམ་འགྱུར་ཡིན་ཞེས་གསུངས་ཤིང༌།
  • གཞན་ཡང་། སྐྱེས་ཆེན་དམ་པ་རང་རང་གི་མཛད་པའི་དུས་དྲན་རྣམས་ཀྱང་ཚེས་གྲངས་ཕལ་པ་ལས་འགྱུར་ཁྱད་ཆེ་བར་གསུངས་སོ།། སརྦམངྒལཾ།། །།