༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།
KALACHAKRA CALENDAR
༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།
KALACHAKRA CALENDAR
2024 - 2047
ལོ་ཐོའི་གསལ་བཤད།
གཞན་ལུགས་ལོ་ཐོ།
གཞན་ལུགས་ལོ་ཐོ།
Back
ཕུག་ལུགས།
མཚུར་ལུགས།
རྒྱུད་ལུགས།
ཉིན་རེའི་ཚེས་ཆ།
ཉིན་རེའི་ཚེས་ཆ།
Back
ཕུག་ལུགས།
མཚུར་ལུགས།
རྒྱུད་ལུགས།
སྒེར་ངོའི་སྐྱེས་རྩིས་བསྡུས་པ།
དམིགས་བསལ་དུས་ཆེན།
བོད་རྒྱལ་ལོ། ༢༡༥༣
ཤིང་ཕོ་འབྲུག་ལོ།
2026
མེ་ཕོ་རྟ་ལོ།
དེ་རིང་གི་ཚེས་གྲངས།
ལྷག་པ།
བོད་ཟླ་ ༨ ཚེས་ ༢༧
Wed
07-10-2026
ཚེས་ཁོངས།
ལྷག་པ། ༢༧ མཆུ། མེ་ཆུ། དགེ་བ། བག་མ།
མེ་ལྷ།
ཚེས་ཁོངས།
གཟའ།
ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན།། སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམ་བྱ་འབྲེལ་སྟེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེངས་པ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན་བྲན་བསྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ།། རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོའི་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང༌། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི།། ཁྱིམ་དུ་སླེབས་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང༌།།
ཚེས།
ཉེར་བདུན་ལམ་ཞུགས་སྐྲ་འཁྲུ་གཤིན། །འབྲུ་འདེབས་ཐབ་བཅའ་རྒྱས་ལས་བཟང་། །རབ་གནས་རྒྱལ་ས་ལྷ་རྟེན་བཞེངས་། །དྲན་བསྟེན་ནོར་ཉོ་བག་མ་དང་། །སྦྱིན་སྲེག་ཤྭ་རགས་རྩིགས་པ་ངན།།
སྐར་མ།
མཆུ་ནི་དགྲ་སྐར་མེ་ཡི་ཁམས། །བརྟན་པའི་དོན་འགྲུབ་ཕྱུགས་ཇག་བླར། །དཀྱིལ་འཁོར་འབྲི་སྒྲུབ་དབང་རབ་བྱུང་། །འཆད་ཉན་སྨྲ་མཆུ་ལྟ་རྟེན་བཞེངས། །མོ་རྩིས་ཡིག་སློབ་ཁྱིམ་གསར་འཛིན། །རྒྱན་སྤྲོད་ས་འཛིན་བྲན་གཡོག་བསྟེན། །མཛོད་བཅའ་ས་བོན་གདབ་འབྲུ་བསྡུ། །ནོར་ལེན་གཡང་བསླན་རྟ་ཕྱུགས་ཉོ། །བཟོ་དང་ཞུ་བ་སྐྲ་སེན་འདྲེག །བཤིག་སྲེག་བཅིང་སོགས་ཕར་རྒོལ་ལས། །མཐུ་གཏད་བཟློག་ཟོར་སྲི་མནན་ཧོ། །གཏར་སྲེག་ཕ་མའི་དགེ་སྒྲུབ་སོགས། །དཀར་ཕྱོགས་ཁྱད་པར་དབང་ལས་བཟང་། །རབ་གནས་རྒྱལ་ས་ལམ་ཞུགས་སྐྱས། །མཁར་ལས་ཐབ་བཅའ་ལྷ་གསོལ་བསྡུམས། །དགེ་བཤེས་ཆེ་འདོན་ལྷ་གསོལ་དང་། །སྐྲ་འཁྲུ་བག་མ་གོས་དྲ་གྱོན། །ཆུ་རགས་རྫིང་ཁྲོན་ས་ཁ་འབྱེད། །རྟ་བོང་འདུལ་དང་སྒ་རྒྱག་བཅོས། །མི་ཤི་གཤིན་ལས་སྦྲ་ཕྱར་འཚེམ། །བོན་ཆོག་ནོར་རྫས་ཕྱིར་གཏོང་ངན།།
འབྱུང་འཕྲོད།
མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཕ་རོལ་གསོད་དང་དུག་སྦྱོར་དང་། །མཐུ་གཏད་ལ་སོགས་རིག་པས་བསྒྲུབ།
སྦྱོར་བ།
དགེ་བ་གསོན་སྟོན་བྱེད་པ་བཟང་།
གནམ་སྒོ།
བག་མའི་གནམ་སྒོར་བག་མ་ཡི། །གཏོང་ལེན་བྱས་ན་ཡུགས་ས་འབབ།།
མེ་ལྷ།
མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
- - -