༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༣
ཤིང་ཕོ་འབྲུག་ལོ།2026
མེ་ཕོ་རྟ་ལོ།
དེ་རིང་གི་ཚེས་གྲངས།
ཟླ་བ། བོད་ཟླ་ ༨ ཚེས་ ༣
Mon 14-09-2026
ཚེས་ཁོངས། ཟླ་བ། ༣ ནག་པ། ཆུ་རླུང་། ཚངས་པ། བུ་ཆུང་། ཚེས་ཁོངས།
གཟའ། ཟླ་བ་ཀླུ་གཟའ་བུད་མེད་བླ། །རྗེ་རིགས་དཀར་སེར་ཆུ་ཁམས་བཞི། །ལྷ་ཁང་རྨང་འདིང་རྟེན་བཞེངས་བཟོ།། དཀྱིལ་འཁོར་འབྲི་སྒྲུབ་རབ་གནས་བྱ། །བླ་མར་ཕྱག་ཡོན་ཀླུ་སྨན་གསོལ། །ཆར་དབབ་རྫིང་ཡུར་སོགས་ཆུའི་ལས། །གཉེན་བག་རྒྱན་འདོགས་བུད་མེད་ལས། །ཁྱད་པར་རྗེ་རིགས་དང་བཙུན་མོའི། །ལས་སྒྲུབ་སྨན་དཔྱད་བཅུད་ལེན་གཡང༌། །ཆང་བཙོ་ཁྲུས་དང་སྐྲ་སེན་འདྲེག །ཕོ་མོ་བཙས་དང་གོས་འདྲ་བྲན། །མེ་ཏོག་ཤིང་འཛུགས་ས་ཁ་འབྱེད། །ཞིང་འདེབས་ཁྱིམ་འཛིན་ཐབ་བཅའ་བ། །ལྟད་སྟོན་བསྡུམས་བྱ་རྟ་གླང་འདུལ། །དགེ་ཤིས་ཞི་རྒྱས་ལས་རྣམས་བཟང་། །ཁྱད་པར་ཕྱོགས་གཉིས་མཚན་མོ་དང༌། །བྱང་བགྲོད་ཀངྑའི་ཁྱིམ་དུ་སླེབས། །དར་བའི་དུས་སུ་སྟོབས་ཆེར་བརྗོད། །རབ་བྱུང་ཆོས་ཉན་གཡང་ཅན་ནོར། །ཕྱི་གཏོང་ལམ་ཞུགས་གོས་གྱོན་པ། །མཁར་ལས་ཆུ་རགས་རོ་སྲེག་པ། །སྲི་མནན་ཁ་མཆུ་དགྲར་རྒོལ་བ། །དབང་དང་དྲག་པོའི་ལས་རྣམས་ངན།། ཚེས། ཚེས་གསུམ་རབ་གནས་དཀྱིལ་འཁོར་འདྲི། །རབ་བྱུང་ལམ་ཞུགས་སྦྱིན་སྲེག་དང་། །དོན་གཉེར་རྒྱལ་ས་ཁང་ཁྱིམ་འཛིན། །སྐྲ་འཁྲུ་ཕྱུགས་ཉོ་རྒྱས་ལས་བཟང་། །རྫིང་ཡུར་ཁྲོན་འདྲུ་བག་མ་དང་། །བྲན་གཡོག་བསྟེན་རྣམས་ངན་པ་ཡིན།། སྐར་མ། ནག་པ་ཟློས་སྐར་རླུང་གི་ཁམས། །མྱུར་བཟང་གནག་ཕྱུགས་ར་ཡི་བླར། །རྟེན་བཞེངས་དཀྱིལ་འཁོར་འདྲི་སྒྲུབ་དབང་། །རབ་བྱུང་ཆོས་ཉན་ཚེ་གཡང་འགུགས། །མདུན་གྲོས་དྲ་གྱོན་རྒྱན་འདོགས་པ། །སྨན་སྦྱོར་སྐྲ་འཁྲུ་བཟོ་ཡི་རིགས། །ར་དང་གནག་ཕྱུགས་ཚུར་ལེན་པ། །ཞིང་ལས་ས་བོན་ཕྱུགས་འདུལ་རྒྱུག །ཁང་གསར་འཛིན་དང་མདོས་གཏོར་འཕང༌། །གཡོས་བྱ་གསོན་གྱི་དགེ་ལས་དང༌། །དབང་རྒྱས་དྲག་དང་མྱུར་ལས་བཟང་། །ལྷ་གསོལ་རབ་གནས་རྒྱལ་སར་བསྐོ། །དགེ་བཤེས་ཆེ་འདོན་ཞུ་བ་བྱེད། །ར་ཕྱུགས་པར་འཇལ་ལམ་དུ་འཇུག །རྒྱལ་སྲིད་བྱ་བ་བསྙེན་བཀུར་དང་། །དགྲ་འཐབ་ཞལ་ཆེ་བུ་འབོགས་བག །དུར་འདེབས་དུར་ཁ་འབྱེད་ཤིང་སྐྱས། །རྐུན་ཇག་རྫིང་ཡུར་བང་མཛོད་དབྱེ། །ལྟད་མོ་ཆུ་རགས་མིང་འདོགས་པ། །དོན་གཉེར་མོ་རྩིས་ཞི་ལས་ངན།། འབྱུང་འཕྲོད། ཆུ་རླུང་འཕྲད་པ་མི་མཐུན་སྦྱོར། །མི་མཐུན་སྦྱོར་བས་གཉེན་བཤེས་འབྱེད། །དབྱེན་དང་ཕྲ་མ་གཞུགས་པ་དང་། །དགྲ་བོ་དབྱུང་བའི་ལས་རྣམས་བྱ།། སྦྱོར་བ། ཚངས་པ་ལྷ་ཡི་གོ་འཕང་ཐོབ། གནམ་སྒོ། བུ་ཆུང་གནམ་སྒོར་བུ་བཙས་དང་། །སྒོར་ཁྲིད་བྱས་ན་བར་ཆད་འོང་།།  
- - -