༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།
KALACHAKRA CALENDAR
༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།
KALACHAKRA CALENDAR
2024 - 2047
ལོ་ཐོའི་གསལ་བཤད།
གཞན་ལུགས་ལོ་ཐོ།
གཞན་ལུགས་ལོ་ཐོ།
Back
ཕུག་ལུགས།
མཚུར་ལུགས།
རྒྱུད་ལུགས།
ཉིན་རེའི་ཚེས་ཆ།
ཉིན་རེའི་ཚེས་ཆ།
Back
ཕུག་ལུགས།
མཚུར་ལུགས།
རྒྱུད་ལུགས།
སྒེར་ངོའི་སྐྱེས་རྩིས་བསྡུས་པ།
དམིགས་བསལ་དུས་ཆེན།
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།
2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
ཟླ་བ།
བོད་ཟླ་ ༩ ཚེས་ ༡༣
Mon
03-11-2025
ཚེས་ཁོངས།
ཟླ་བ། ༡༣ ཁྲུམས་སྨད། ཆུ་གཉིས། དགའ་བ། བུ་ཆུང་།
མེ་ལྷ།
ཚེས་ཁོངས།
གཟའ།
ཟླ་བ་ཀླུ་གཟའ་བུད་མེད་བླ། །རྗེ་རིགས་དཀར་སེར་ཆུ་ཁམས་བཞི། །ལྷ་ཁང་རྨང་འདིང་རྟེན་བཞེངས་བཟོ།། དཀྱིལ་འཁོར་འབྲི་སྒྲུབ་རབ་གནས་བྱ། །བླ་མར་ཕྱག་ཡོན་ཀླུ་སྨན་གསོལ། །ཆར་དབབ་རྫིང་ཡུར་སོགས་ཆུའི་ལས། །གཉེན་བག་རྒྱན་འདོགས་བུད་མེད་ལས། །ཁྱད་པར་རྗེ་རིགས་དང་བཙུན་མོའི། །ལས་སྒྲུབ་སྨན་དཔྱད་བཅུད་ལེན་གཡང༌། །ཆང་བཙོ་ཁྲུས་དང་སྐྲ་སེན་འདྲེག །ཕོ་མོ་བཙས་དང་གོས་འདྲ་བྲན། །མེ་ཏོག་ཤིང་འཛུགས་ས་ཁ་འབྱེད། །ཞིང་འདེབས་ཁྱིམ་འཛིན་ཐབ་བཅའ་བ། །ལྟད་སྟོན་བསྡུམས་བྱ་རྟ་གླང་འདུལ། །དགེ་ཤིས་ཞི་རྒྱས་ལས་རྣམས་བཟང་། །ཁྱད་པར་ཕྱོགས་གཉིས་མཚན་མོ་དང༌། །བྱང་བགྲོད་ཀངྑའི་ཁྱིམ་དུ་སླེབས། །དར་བའི་དུས་སུ་སྟོབས་ཆེར་བརྗོད། །རབ་བྱུང་ཆོས་ཉན་གཡང་ཅན་ནོར། །ཕྱི་གཏོང་ལམ་ཞུགས་གོས་གྱོན་པ། །མཁར་ལས་ཆུ་རགས་རོ་སྲེག་པ། །སྲི་མནན་ཁ་མཆུ་དགྲར་རྒོལ་བ། །དབང་དང་དྲག་པོའི་ལས་རྣམས་ངན།།
ཚེས།
བཅུ་གསུམ་རབ་གནས་དཀྱིལ་འཁོར་འདྲི། །སྐྲ་འཁྲུ་ལམ་ཞུགས་རྒྱལ་ས་འཛིན། །ལྷ་ཁང་རྟེན་བཞེངས་ཆུ་རགས་རྩིག །སྦྱིན་སྲེག་རྒྱས་པའི་ལས་རྣམས་བཟང་། །རྫིང་ཁྲོན་ཕྱུགས་ཉོ༌བྲན་བསྟེན་ངན།།
སྐར་མ།
ཁྲུམས་སྨད་གཤིན་སྐར་ཆུ་ཡི་ཁམས། །མྱུར་ཞིང་བཟང་བ་གཤིན་གྱི་བླར། །རབ་གནས་འཆད་ཉན་དབང་སྡོམ་ལེན། །རྒྱལ་ས་བྲན་བསྟེན་སྨན་སྦྱོར་ལས། །འབྲུ་ནོར་བསྡུ་དང་ཕྱུགས་འཇལ་ལེན། །གོས་རྒྱན་བཟོ་བྱ་གྱོན་ཞིང་འདོགས། །མདུན་མ་ཉོ་ཚོང་གཤིན་ལས་ཤིད། །ས་ཁ་སྐྱེ་ཤིང་མེ་ཏོག་འཛུགས། །རྫིང་ཡུར་ཞིང་ལས་ས་བོན་གདབ། །རྟེན་བཞེངས་བཟློག་མནན་སྐྲ་འཁྲུ་བ། །ཆང་བཙོ་ཞི་ལས་མྱུར་སྒྲུབ་བཟང༌། །ལྷ་གསོལ་གཡང་འགུགས་འདུ་ལོང་བྱེད། །མཁར་ལས་ཁྱིམ་འཛིན་ཐབ་བཅའ་བ། །སྦྲ་ཕྱར་འཚེམ་དང་གཏར་སྲེག་བསྡུམས། །བག་མ་གཏོང་ལེན་སྐྲ་སེན་འདྲེག །གསོན་ལས་དོན་གཉེར་ལྟད་སྟོན་དང༌། །ཆུ་རགས་བུ་བཙས་དུར་འདེབས་ངན།།
འབྱུང་འཕྲོད།
ཆུ་གཉིས་ནང་འཕྲད་བདུད་རྩི་སྦྱོར། །བདུད་རྩི་སྦྱོར་བས་ཚེ་སྟོབས་འཕེལ། །སྨན་སྦྱོར་ཁྲུས་བྱེད་བག་མ་ལེན། །ཚེ་དབང་ཚེ་སྒྲུབ་ཆོ་ག་དང་། །གཉེན་དང་ཚོང་བསྐྱེད་འཕེལ་ལས་བཟང་།།
སྦྱོར་བ།
དགའ་བ་འབྲིང་སྟེ་ཚེ་ལ་དགའ།
གནམ་སྒོ།
བུ་ཆུང་གནམ་སྒོར་བུ་བཙས་དང་། །སྒོར་ཁྲིད་བྱས་ན་བར་ཆད་འོང་།།
མེ་ལྷ།
མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
- - -