༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
ཟླ་བ། བོད་ཟླ་ ༥ ཚེས་ ༢༦
Mon 21-07-2025
ཚེས་ཁོངས། ཟླ་བ། ༢༦ སྣར་མ། ས་ཆུ། འཕེལ་བ། མཁར། མེ་ལྷ། ཚེས་ཁོངས།
གཟའ། ཟླ་བ་ཀླུ་གཟའ་བུད་མེད་བླ། །རྗེ་རིགས་དཀར་སེར་ཆུ་ཁམས་བཞི། །ལྷ་ཁང་རྨང་འདིང་རྟེན་བཞེངས་བཟོ།། དཀྱིལ་འཁོར་འབྲི་སྒྲུབ་རབ་གནས་བྱ། །བླ་མར་ཕྱག་ཡོན་ཀླུ་སྨན་གསོལ། །ཆར་དབབ་རྫིང་ཡུར་སོགས་ཆུའི་ལས། །གཉེན་བག་རྒྱན་འདོགས་བུད་མེད་ལས། །ཁྱད་པར་རྗེ་རིགས་དང་བཙུན་མོའི། །ལས་སྒྲུབ་སྨན་དཔྱད་བཅུད་ལེན་གཡང༌། །ཆང་བཙོ་ཁྲུས་དང་སྐྲ་སེན་འདྲེག །ཕོ་མོ་བཙས་དང་གོས་འདྲ་བྲན། །མེ་ཏོག་ཤིང་འཛུགས་ས་ཁ་འབྱེད། །ཞིང་འདེབས་ཁྱིམ་འཛིན་ཐབ་བཅའ་བ། །ལྟད་སྟོན་བསྡུམས་བྱ་རྟ་གླང་འདུལ། །དགེ་ཤིས་ཞི་རྒྱས་ལས་རྣམས་བཟང་། །ཁྱད་པར་ཕྱོགས་གཉིས་མཚན་མོ་དང༌། །བྱང་བགྲོད་ཀངྑའི་ཁྱིམ་དུ་སླེབས། །དར་བའི་དུས་སུ་སྟོབས་ཆེར་བརྗོད། །རབ་བྱུང་ཆོས་ཉན་གཡང་ཅན་ནོར། །ཕྱི་གཏོང་ལམ་ཞུགས་གོས་གྱོན་པ། །མཁར་ལས་ཆུ་རགས་རོ་སྲེག་པ། །སྲི་མནན་ཁ་མཆུ་དགྲར་རྒོལ་བ། །དབང་དང་དྲག་པོའི་ལས་རྣམས་ངན།། ཚེས། ཉེར་དྲུག་སྐྲ་འཁྲུ་ས་ཁ་འབྱེད། །ས་བོན་འདེབས་དང་དྲག་ལས་བཟང་། །ལམ་ཞུགས་རབ་གནས་རྒྱལ་ས༌བྲན། །མཁར་ལས་ནོར་ཕྱུགས་ཉོ་བ་ངན།། སྐར་མ། སྣར་མ་གཡང་སྐར་ས་ཡི་ཁམས། །རབ་ཏུ་བརྟན་པ་ཕྱུགས་ཀྱི་བླར། །ཡུལ་གསར་གནས་གཞི་བཟུང་བ་དང༌། །ཁང་པ་ལྷས་རྩིག་རབ་ཏུ་བྱུང་། །རབ་གནས་རྒྱལ་ས་འཆད་ཉན་བྱེད། །ཚེ་གཡང་སྐྱོབ་དང་ནོར་ཕྱུགས་ལེན། །ཕྱུགས་སྦྱོར་རྟ་འདུལ་སྒ་རྒྱག་རྒྱུག །སྨན་སྦྱོར་གཏར་སྲེག་ས་ཁ་འབྱེད། །ས་བོན་སྐྱེ་ཤིང་མེ་ཏོག་འཛུགས། །ཀུན་ར་ལྡུམ་ར་ཆུ་རགས་རྩིག །དྲ་གྱོན་སྐྲ་འཁྲུ་བང་མཛོད་བཅའ། །སྦྲ་ཁྱིམ་འབུབས་སོགས་གཏན་ལས་བཟང་། །བུ་ལོན་འདད་དང་སྟོན་མོ་ལམ། །ཆང་བརྩོ་ནོར་ཕྱུགས་འཇལ་དམག་ཇག །གཉེན་སྒྲིག་བག་མ་གཤིན་གྱི་ལས། །འཕོ་སྐྱེས་བུ་སྲིང་རྫོང་རྣམས་ངན།། འབྱུང་འཕྲོད། ས་ཆུ་འཕྲད་པ་ལང་ཚོ་སྦྱོར། །ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད། །དགའ་སྟོན་བྱ་ཞིང་ཆེ་སར་འདོན། །གོས་གྱོན་རྒྱན་འདོགས་རོལ་རྩེད་བཟང་།། སྦྱོར་བ། འཕེལ་ལ་ཟས་ནོར་འཕེལ་བར་བཤད། གནམ་སྒོ། མཁར་གྱི་གནམ་སྒོར་མཁར་གྱི་ལས། །བྱས་ན་འཕྲལ་དུ་གྱོད་འབྱུང་ངོ་།།  མེ་ལྷ། མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
- - -