༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
མིག་དམར། བོད་ཟླ་ ༥ ཚེས་ ༡༣
Tue 08-07-2025
ཚེས་ཁོངས། མིག་དམར། ༡༣ སྣྲོན། ས་མེ། དཀར་པོ། བུ་ཆུང་། མེ་ལྷ། ཚེས་ཁོངས།
གཟའ། མིག་དམར་ལྷ་མིན་སྐྱེས་པ་དང་། །དམག་དཔོན་བླ་གཟའ་རྒྱལ་རིགས་ཏེ། །དྲག་པོ་དམར་ནག་མེ་ཁམས་ལ། །དམག་དཔོན་བསྐོ་དང་དམག་དྲང་བ། །དགྲ་གཞོམ་ཁ་མཆུ་རྐུན་ཇག་བྱ། །སྐྱོས་པའི་ལས་དང་ཁྱད་པར་དུ། །རྒྱལ་སར་འཇུག་དང་སྒྱུ་རྩལ་འཕོང་། །བུ་ལོན་སྣེག་དང་གི་མཚོན་ལས། །ཡུལ་འཛིན་ཆུ་རགས་དྲག་པོའི་དོ། །བཟློག་པ་མཐུ་གཏད་མདོས་ཟོར་འཕེན།། གྲོང་བཤིག་ཕྲ་མ་མེ་བཙའ་རྒྱག །རྟ་རྒྱུག་སྒ་རྒྱག་ཁྱི་གསོ་བ། །དབང་དང་མཆོག་ཏུ་དྲག་ལས་བཟང་། །ཁྱད་པར་ཕྱོགས་གཉིས་ལྷོ་བགྲོད་མཚན། །འཁྱོག་འགྲོས་དར་དུས་ལུག་སྡིག་གི། །ཁྱིམ་དུ་དགུག་ལས་སྟོབས་ཆེར་དྲན། །རབ་བྱུང་དབང་རབ་བག་མ་ཁྲུས། །དུར་ཤིད་གསང་གྲོས་ནོར་ཕྱིར་གཏོང༌། །མཁར་ལས་ལྷ་རྟེན་བཞེངས་ཆོས་ཉན། །སྨན་སྦྱོར་འདུ་འཚོག་དྲ་གྱོན་བཟོ། །ལམ་ཞུགས་ལྷད་སྟོན་སྐྲ་སེན་འདྲེག །ལྷ་མཆོད་ཐབ་བཅའ་བང་མཛོད་འཛིན། །རྫིང་ཡུར་ས་ཁང་ཞིང་གི་ལས། །མེ་ཏོག་ཤིང་འཛུགས་གཡང་བསླན་ཚོང་། །བུ་བཙས་བྲན་བརྟེན་བསྡུམ་བྱ་སྐྱས། །དཀར་ཕྱོགས་ཞི་རྒྱས་ལས་རྣམས་ངན།། ཚེས། བཅུ་གསུམ་རབ་གནས་དཀྱིལ་འཁོར་འདྲི། །སྐྲ་འཁྲུ་ལམ་ཞུགས་རྒྱལ་ས་འཛིན། །ལྷ་ཁང་རྟེན་བཞེངས་ཆུ་རགས་རྩིག །སྦྱིན་སྲེག་རྒྱས་པའི་ལས་རྣམས་བཟང་། །རྫིང་ཁྲོན་ཕྱུགས་ཉོ༌བྲན་བསྟེན་ངན།། སྐར་མ། སྣྲོན་ནི་འགྲོན་སྐར་ས་ཡི་ཁམས། །འབྲས་བུ་ངན་པ་ར་ཡི་བླར། །རབ་བྱུང་དཀྱིལ་འཁོར་འབྲི་སྒྲུབ་དབང་། །རབ་གནས་རྒྱལ་སར་བསྐོ་བ་སོགས། །རྒྱལ་པོའི་ལས་དང་ལྷ་གཡང་ཚེ། །བཀྲ་ཤིས་ཞུ་གསོལ་དགེ་ལས་སོན། །སློབ་གཉེར་རྒྱན་སྤྲོད་བུ་ལོན་སྟེག །སྐྱེ་ཤིང་ཟམ་འཛུགས་ཆུ་རྐ་ལེན། །ཁང་བཟང་འཇུག་དང་ཡུལ་གྲོགས་འཛིན། །ནོར་བྲང་གཏར་སྲེག་ཐུག་འགྱེད་དང་། །རྟ་ཕྱུགས་ཁྱུར་གཏོང་གསོན་གྱི་ལས། །ཕུར་སྒྲུབ་གཏད་མནན་འཇོམས་འཕྲོག་རྐུ། །དམག་སོགས་དྲག་ལས་ངན་ཐབས་བཟང༌། །གོས་དྲ་གོས་གྱོན་རྟེན་བཞེང་བ། །མོ་རྩིས་སྨན་སྦྱོར་འཐབ་མོ་བསྡུམས། །བྲན་བརྟེན་ར་ཕྱུགས་ཕྱིར་གཏོང་དང༌། །མིང་འདོགས་དོན་གཉེར་བཤས་བྱེད་པ། །བག་མ་གཏོང་ལེན་གཤིན་ལས་ངན།། འབྱུང་འཕྲོད། ས་མེ་འཕྲད་པ་སྲེག་པའི་སྦྱོར། །སྲེག་པའི་སྦྱོར་བས་སྡུག་བསྔལ་བསྐྱེད། །དམག་འདྲེན་དགྲ་གཞོམ་དྲག་ལས་རྩོད། །ཕ་རོལ་སྡུག་བསྔལ་བསྐྱེད་ཀུན་བྱ།། སྦྱོར་བ། དཀར་པོ་འགྲོ་འདུག་བྱེད་པ་བཟང་། གནམ་སྒོ། བུ་ཆུང་གནམ་སྒོར་བུ་བཙས་དང་། །སྒོར་ཁྲིད་བྱས་ན་བར་ཆད་འོང་།།  མེ་ལྷ། མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
- - -