༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
མིག་དམར། བོད་ཟླ་ ༣ ཚེས་ ༣༠
Tue 27-05-2025
ཚེས་ཁོངས། མིག་དམར། ༣༠ སྨིན་དྲུག མེ་གཉིས། ལས་བཟང་། སྤྱི། ཚེས་ཁོངས།
གཟའ། མིག་དམར་ལྷ་མིན་སྐྱེས་པ་དང་། །དམག་དཔོན་བླ་གཟའ་རྒྱལ་རིགས་ཏེ། །དྲག་པོ་དམར་ནག་མེ་ཁམས་ལ། །དམག་དཔོན་བསྐོ་དང་དམག་དྲང་བ། །དགྲ་གཞོམ་ཁ་མཆུ་རྐུན་ཇག་བྱ། །སྐྱོས་པའི་ལས་དང་ཁྱད་པར་དུ། །རྒྱལ་སར་འཇུག་དང་སྒྱུ་རྩལ་འཕོང་། །བུ་ལོན་སྣེག་དང་གི་མཚོན་ལས། །ཡུལ་འཛིན་ཆུ་རགས་དྲག་པོའི་དོ། །བཟློག་པ་མཐུ་གཏད་མདོས་ཟོར་འཕེན།། གྲོང་བཤིག་ཕྲ་མ་མེ་བཙའ་རྒྱག །རྟ་རྒྱུག་སྒ་རྒྱག་ཁྱི་གསོ་བ། །དབང་དང་མཆོག་ཏུ་དྲག་ལས་བཟང་། །ཁྱད་པར་ཕྱོགས་གཉིས་ལྷོ་བགྲོད་མཚན། །འཁྱོག་འགྲོས་དར་དུས་ལུག་སྡིག་གི། །ཁྱིམ་དུ་དགུག་ལས་སྟོབས་ཆེར་དྲན། །རབ་བྱུང་དབང་རབ་བག་མ་ཁྲུས། །དུར་ཤིད་གསང་གྲོས་ནོར་ཕྱིར་གཏོང༌། །མཁར་ལས་ལྷ་རྟེན་བཞེངས་ཆོས་ཉན། །སྨན་སྦྱོར་འདུ་འཚོག་དྲ་གྱོན་བཟོ། །ལམ་ཞུགས་ལྷད་སྟོན་སྐྲ་སེན་འདྲེག །ལྷ་མཆོད་ཐབ་བཅའ་བང་མཛོད་འཛིན། །རྫིང་ཡུར་ས་ཁང་ཞིང་གི་ལས། །མེ་ཏོག་ཤིང་འཛུགས་གཡང་བསླན་ཚོང་། །བུ་བཙས་བྲན་བརྟེན་བསྡུམ་བྱ་སྐྱས། །དཀར་ཕྱོགས་ཞི་རྒྱས་ལས་རྣམས་ངན།། ཚེས། གནམ་གང་ལ་ནི་ས་བོན་འདེབས། །དབང་དང་དྲག་པོའི་ལས་རྣམས་བཟང་། །སྐྲ་འཁྲུ་ལམ་ཞུགས་རབ་གནས་བག །རྒྱལ་ས་གཤིན་ལས་གཏར་སྲེག་དང་། །བྲན་བསྟེན་ནོར་ཕྱུགས་ཉོ་བ་ངན།། སྐར་མ། སྨིན་དྲུག་ཟློས་སྐར་མེ་ཡི་ཁམས། །བཏང་སྙོམས་ཅན་ཏེ་བུད་མེད་བླར། །ཆོས་སློབ་ལྷ་ཁང་མཆོད་རྟེན་གསོ། །ལྷ་གསོལ་ཚེ་གཡང་རྒྱལ་སར་བསྐོ། །ཚུར་ལེན་སྐྱིད་སྟོན་སྦྲ་ཁྱིམ་འབུབས། །ཐབ་བཅའ་ལྷས་རྩིག་ར་ལུག་ཉོ། །སྦྱིན་སྲེག་རིན་ཆེན་བཞུ་དང་བཟོ། །མཚོན་ཆ་ཁྱིམ་འཛིན་གོས་གྱོན་པ། །རྐུན་མ་ཕྱུགས་འགྱེད་རྟ་བོང་སྒ། །སྐྲ་འཁྲུ་རྒྱན་འདོགས་བུད་མེད་བརྟེན། །བུ་བཙས་ལྟད་མོ་གཉེན་འཕྲད་དང༌། །ཆུ་རགས་ཡོན་འབུལ་སྨན་སྦྱོར་རྩིས། །མེ་ལས་དྲག་པོའི་ལས་སྒྲུབ་བཟང་། །གོས་ཉོ་ཕར་འཇལ་ལམ་ཞུགས་བག །གཤིན་ལས་གོས་དྲ་འཕོ་སྐྱས་མཁར། །རྒྱལ་མཚན་ཕན་འཛུགས་བང་མཛོད་དབྱེ། །རྫིང་ཡུར་ས་ཁ་ས་བོན་འདེབས། །བུ་འབོགས་སྐྱེ་ཤིང་འཛུགས་རྣམས་ངན།། འབྱུང་འཕྲོད། མེ་གཉིས་ནང་འཕྲད་འཕེལ་འགྱུར་སྦྱོར། །འཕེལ་འགྱུར་སྦྱོར་བས་ཟས་གོས་རྙེད། །ཚོང་བྱ་སྦྱིན་གཏོང་ས་བོན་འདེབས། །ནོར་རྒྱུན་མ་སྒྲུབ་ཆུ་སྦྱིན་སྟེར། །ནོར་ལྷ་མཆོད་ཅིང་དངོས་གྲུབ་ཞུ།། སྦྱོར་བ། ལས་བཟང་ཕྱི་མའི་ལམ་སྣ་ཟིན། གནམ་སྒོ། སྤྱི་ཡི་གནམ་སྒོའི་དུས་སུ་ནི། །ལས་དང་བྱ་བ་ཅི་བྱས་འཕུང་།།  
༸ སངས་རྒྱས་ཤཱཀྱ་ཐུབ་པའི་དུས་ཆེན།