༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
ལྷག་པ། བོད་ཟླ་ ༣ ཚེས་ ༡༠
Wed 07-05-2025
ཚེས་ཁོངས། ལྷག་པ། ༡༠ གྲེ། མེ་ཆུ། ཀུན་འཇོམས། སྤྱི། ཚེས་ཁོངས།
གཟའ། ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན།། སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམ་བྱ་འབྲེལ་སྟེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེངས་པ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན་བྲན་བསྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ།། རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོའི་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང༌། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི།། ཁྱིམ་དུ་སླེབས་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང༌།། ཚེས། ཚེས་བཅུ་རབ་བྱུང་དཀྱིལ་འཁོར་འདྲི། །སྐྲ་འཁྲུ་ལྷ་ཁང་མཆོད་རྟེན་རྩིག །རྟེན་བཞེངས་རྒྱལ་ས་ཞིང་འདེབས་པ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །ལམ་ཞུགས་གཡོག་བསྟེན་གཤིན་ལས་དང་། །ནོར་ཕྱུགས་ཉོ་རྣམས་ངན་པས་སྤང་།། སྐར་མ། གྲེ་ནི་དམེ་སྐར་མེ་ཡི་ཁམས། །བརྟན་པའི་དོན་འགྲུབ་ཇག་པའི་བླར། །རབ་བྱུང་འཆད་ཉན་དཀྱིལ་འཁོར་དབང་། །སྦྱིན་སྲེག་ལྷ་གསོལ་ས་འཛིན་མཁར། །གཉེན་སྦྱོར་གཉེན་འཕྲད་ནོར་ཕྱུགས་ལེན། །ཚེ་གཡང་མདོས་གཏོར་བང་མཛོད་དབྱེ། །ཐུག་འགྱེད་ཚུར་འགུགས་གཞིས་ཚོང་བ། །རྒྱན་སྤྲོད་མོ་རྩིས་གསོན་ལས་དང༌། །འབྲས་ལྡན་ཤིང་གདབ་ཞིང་ལས་ཁྲུས། །ཐབ་བཅའ་ཆུ་རགས་བརྟན་པའི་ལས། །དགེ་ཞིང་ཞི་བའི་ལས་རྣམས་བཟང་། །རབ་གནས་སྟོན་མོ་གཤིན་ལས་ཤིད། །རྟ་ཉོ་དགྲ་འདུལ་ལམ་ཞུགས་བག །གཏར་སྲེག་བོང་བུ་ནོར་ཕྱིར་གཏོང༌། །རྟ་བོང་སྒ་བཅོས་བང་མཛོད་བཅའ། །རྫིང་ཡུར་ས་ཁ་གོས་དྲ་གྱོན། །སྨན་བཅོས་བུ་ལོན་འཇལ་ཕྱུགས་འདུལ། །སྦྲ་ཕྱར་འཚེམ་འབུབས་མིང་འདོགས་དང༌། །རྒྱལ་མཚན་འཕན་འཛུགས་དྲག་ལས་ངན།། འབྱུང་འཕྲོད། མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཕ་རོལ་གསོད་དང་དུག་སྦྱོར་དང་། །མཐུ་གཏད་ལ་སོགས་རིག་པས་བསྒྲུབ། སྦྱོར་བ། ཀུན་འཇོམས་ལ་ནི་མཛེ་ནད་ལྡང་། གནམ་སྒོ། སྤྱི་ཡི་གནམ་སྒོའི་དུས་སུ་ནི། །ལས་དང་བྱ་བ་ཅི་བྱས་འཕུང་།།  
༸ ཨོ་རྒྱན་པདྨ་འབྱུང་གནས་ཀྱི་དུས་ཆེན།