༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
ལྷག་པ། བོད་ཟླ་ ༩ ཚེས་ ༨
Wed 29-10-2025
ཚེས་ཁོངས། ལྷག་པ། ༨ ཆུ་སྨད། ས་ཆུ། འཛིན་པ། དུར། མེ་ལྷ། ཚེས་ཁོངས།
གཟའ། ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན།། སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམ་བྱ་འབྲེལ་སྟེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེངས་པ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན་བྲན་བསྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ།། རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོའི་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང༌། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི།། ཁྱིམ་དུ་སླེབས་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང༌།། ཚེས། ཚེས་བརྒྱད་དཀྱིལ་འཁོར་སྒྲུབ་མཆོད་དང་། །རབ་གནས་རྒྱལ་བ་ལྷ་རྟེན་བཞེངས། །ཞལ་ལྕེ་དགྲར་རྒོལ་དགྲ༌བྲུབ་རྐུན། །མནའ་སྐྱེལ་སྲི་མནན་ཐབ་བཅའ་བཟང་། །སྐྲ་བཀྲུ་གོས་དྲ་བག་མ་ལེན། །རབ་བྱུང་གཏར་ཁ་འབྲུ་འདེབས་ཁྲུས། །ཕྱུགས་ཉོ་རྫིང་ཡུར་ཁྲོན་འདྲུ་ངན།། སྐར་མ། ཆུ་སྨད་གྲུ་སྐར་ས་ཡི་ཁམས། །རབ་ཏུ་བརྟན་པ་འབྲུ་ཡི་བླར། །རབ་གནས་བསྟེན་སྒྲུབ་འཆད་ཉན་དབང༌། །སྡོམ་ལེན་རྒྱལ་ས་གནས་གཞི་འཛུགས། །ཡུལ་གསར་འཛིན་དང་བྲན་གཡོག་བརྟེན། །འབྲུ་ནོར་ཚུར་ལེན་གོས་དྲ་བ། །རྟེན་བཞེངས་ལྷ་གསོལ་ཚེ་གཡང་འགུགས། །མཁར་ལས་མེ་ཏོག་ཤིང་སྒྱེད་འཛུགས། །གྲོང་དཔོན་ཚོང་དཔོན་ཕྱུགས་རྫི་བསྐོ། །མོ་རྩིས་ས་བོན་གདབ་མཛོད་བཅའ། །མདུན་གྲོས་བག་མ་གཤིན་ལས་སྨན། །སྐྱས་བསྡུམས་རྫིང་ཡུར་སྦྲ་ཕྱར་དྲུབ། །རྟ་བོང་དྲེའུ་སྒ་རྒྱག་བཅོས། །མིང་འདོགས་རྒྱལ་མཚན་བ་དན་འཛུགས། །ཞི་རྒྱས་དབང་གིས་ལས་ཕལ་དང༌། །གསོན་ལས་བརྟན་པའི་ལས་ཀུན་བཟང༌། །དགྲར་རྒོལ་གོས་གྱོན་སྦྲ་ཁྱིམ་འབུབས། །ཕྱུགས་དང་མར་ནས་ཕྱིར་གཏོང་བ། །བང་མཛོད་ཁ་འབྱེད་ལམ་དུ་འཇུག །རོ་སྲེག་དུར་སྦ་སྐྲ་སེན་འདྲེག །ཆུ་རགས་གཞན་ཡུལ་དོན་གཉེར་ངན།། འབྱུང་འཕྲོད། ས་ཆུ་འཕྲད་པ་ལང་ཚོ་སྦྱོར། །ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད། །དགའ་སྟོན་བྱ་ཞིང་ཆེ་སར་འདོན། །གོས་གྱོན་རྒྱན་འདོགས་རོལ་རྩེད་བཟང་།། སྦྱོར་བ། འཛིན་པ་བུ་ནོར་ལོངས་སྤྱོད་རྙེད། གནམ་སྒོ། དུར་གྱི་གནམ་སྒོར་དུར་བཏབ་ན། །དུར་སྲི་བཏུད་ཅིང་ཐ་མར་འཕུང་།།  མེ་ལྷ། མེ་ལྷ་ས་སྟེང་གནས་པ་ལས། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
༸ སངས་རྒྱས་སྨན་བླའི་དུས་ཆེན།