༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༣
ཤིང་ཕོ་འབྲུག་ལོ།2026
མེ་ཕོ་རྟ་ལོ།
དེ་རིང་གི་ཚེས་གྲངས།
ལྷག་པ། བོད་ཟླ་ ༨ ཚེས་ ༡༩
Wed 30-09-2026
ཚེས་ཁོངས། ལྷག་པ། ༡༩ ཐ་སྐར། ཆུ་རླུང་། ཀུན་འཇོམས། ཤིད། མེ་ལྷ། ཚེས་ཁོངས།
གཟའ། ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན།། སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམ་བྱ་འབྲེལ་སྟེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེངས་པ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན་བྲན་བསྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ།། རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོའི་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང༌། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི།། ཁྱིམ་དུ་སླེབས་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང༌།། ཚེས། བཅུ་དགུ་སྐྲ་འཁྲུ་ས་ཁ་འབྱེད། །ལམ་ཞུགས་སྲི་མནན་ཞི་ལས་བཟང་། །རབ་གནས་གཤིན་ལས་རྒྱལ་ས་བག །ལྷ་ཁང་རྟེན་བཞེངས་ཕྱུགས་ཉོ་ངན།། སྐར་མ། ཐ་སྐར་དགྲ་སྐར་རླུང་གི་ཁམས། །མི་བརྟན་འགྱུར་བ་རྐུན་པོའི་བླར། །ཆོས་འཆད་སྡོམ་འབོགས་དཀྱིལ་འཁོར་ལས། །ལྷ་མཆོད་གཡང་འགུགས་དྲ་གྱོན་ཚོང༌། །རྟ་གླང་འདུལ་སྦྱོར་བུ་ལོན་ལས། །ཐབ་བཅའ་ས་བོན་སྨན་སྦྱོར་གཏོང་། །སྲི་མནན་ཤིད་རོ་འདོན་དང་དམག །དོན་གཉེར་རྒྱལ་མཚན་བ་དན་འཛུགས། །བོན་ཆོག་བཟློག་པ་བྱོལ་ཟོར་འཕེན། །སྐྲ་འཁྲུ་འདྲེག་དང་རྫིང་ཡུར་འདྲུ། །དགྲ་འདུལ་ཡུལ་བསྐྲད་རྐུན་ཇག་བསྡུམས། །གཏམ་ཁུངས་དཔྱད་དང་བན་བོན་རྫོང༌། །མིང་འདོགས་རིམ་གྲོ་ལྟད་མོ་ལམ། །ཕྱིར་འཇལ་རྒྱས་དང་དྲག་ལས་བཟང་། །ས་ཁ་འདུ་ལོང་ཆེན་པོའི་ལས། །རྒྱན་འདོགས་གསོན་ལས་གཏར་སྲེག་མཁར། །གཉེན་སྒྲིག་བག་མ་ཚེ་འགུགས་སྐྱས། །མི་ཤི་བུ་སྲིང་ཕྱིར་གཏོང་ངན།། འབྱུང་འཕྲོད། ཆུ་རླུང་འཕྲད་པ་མི་མཐུན་སྦྱོར། །མི་མཐུན་སྦྱོར་བས་གཉེན་བཤེས་འབྱེད། །དབྱེན་དང་ཕྲ་མ་གཞུགས་པ་དང་། །དགྲ་བོ་དབྱུང་བའི་ལས་རྣམས་བྱ།། སྦྱོར་བ། ཀུན་འཇོམས་ལ་ནི་མཛེ་ནད་ལྡང་། གནམ་སྒོ། ཤིད་ཀྱི་གནམ་སྒོར་ཤིད་སྟོན་དག །བྱས་ན་འཕྲལ་དུ་གཤིན་ལས་འབབ།།  མེ་ལྷ། མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
- - -