༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།
KALACHAKRA CALENDAR
༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།
KALACHAKRA CALENDAR
2024 - 2047
ལོ་ཐོའི་གསལ་བཤད།
གཞན་ལུགས་ལོ་ཐོ།
གཞན་ལུགས་ལོ་ཐོ།
Back
ཕུག་ལུགས།
མཚུར་ལུགས།
རྒྱུད་ལུགས།
ཉིན་རེའི་ཚེས་ཆ།
ཉིན་རེའི་ཚེས་ཆ།
Back
ཕུག་ལུགས།
མཚུར་ལུགས།
རྒྱུད་ལུགས།
སྒེར་ངོའི་སྐྱེས་རྩིས་བསྡུས་པ།
དམིགས་བསལ་དུས་ཆེན།
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།
2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
ལྷག་པ།
བོད་ཟླ་ ༩ ཚེས་ ༢༣
Wed
12-11-2025
ཚེས་ཁོངས།
ལྷག་པ། ༢༣ རྒྱལ། མེ་ཆུ། བསྒྲུབ་བྱ། བུ་ཆུང་།
མེ་ལྷ།
ཚེས་ཁོངས།
གཟའ།
ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན།། སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམ་བྱ་འབྲེལ་སྟེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེངས་པ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན་བྲན་བསྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ།། རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོའི་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང༌། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི།། ཁྱིམ་དུ་སླེབས་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང༌།།
ཚེས།
ཉེར་གསུམ་སྐྲ་འཁྲུ་རབ་བྱུང་ལམ། །འབྲུ་འདེབས་མཁར་ཐབ་ཆུ་རགས་བཅའ། །སྦྱིན་སྲེག་ཞི་དྲག་ལས་ལ་བཟང་། །རབ་གནས་རྒྱལ་ས་རྫིང་ཡུར་འདྲུ། །བྲན་བསྟེན་ནོར་ཕྱུགས་ཉོ་བ་ངན།།
སྐར་མ།
རྒྱལ་ནི་སྒྲུབ་སྐར་མེ་ཡི་ཁམས། །མི་བརྟན་འགྱུར་བ་ལུག་གི་བླར། །དཀྱིལ་འཁོར་འདྲི་སྒྲུབ་དབང་རབ་གནས། །རབ་བྱུང་ཆོས་འཆད་བླ་མ་བཀུར། །རྒྱལ་བློན་བསྐོ་དང་མཆོད་ཆོག་བྲན། །ལྷ་གཡང་ཚེ་བསྲིང་གོས་དྲ་གྱོན། །རྒྱན་འདོགས་སྐྲ་འདྲེག་གཙུག་ཕུད་འཇོག །མིང་འདོག་བག་མ་ཚུར་ལེན་ལམ། །སྨན་སྦྱོར་གཏར་ཁ་རྟ་གླང་འདུལ། །སྒ་རྒྱག་སྐྱེ་ཤིང་རྒྱལ་མཚན་འཛུགས། །ལྷ་ཁང་རྟེན་བཞེངས་ཐབ་མཛོད་བཅའ། །ཆུ་རགས་མོ་རྩིས་ནོར་ཕྱུགས་ལེན། །གོང་མར་ཞུ་འབུལ་རང་གི་དོན། །མྱུར་སྒྲུབ་གསོན་གཤིན་ལས་ཀུན་དང་། །བསོད་ནམས་སྙན་གྲགས་ལ་སོགས་པ། །མཆོག་གི་བྱ་བ་ཐམས་ཅད་དང་། །ཞི་རྒྱས་ཁྱད་པར་དབང་ལས་བཟང་། །འཁོན་དང་འཐབ་མོ་ཞལ་ཆེ་ཚོང༌། །གཡང་མི་ཕྱུགས་ལུག་ཕྱིར་གཏོང་སྐྱས། །སི་མནན་སྐྲ་འཁྲུ་སྟོན་མོ་མཁར། །རྐུན་ཇག་རྔོན་པ་ཞིང་ལས་ངན།།
འབྱུང་འཕྲོད།
མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཕ་རོལ་གསོད་དང་དུག་སྦྱོར་དང་། །མཐུ་གཏད་ལ་སོགས་རིག་པས་བསྒྲུབ།
སྦྱོར་བ།
བསྒྲུབ་བྱ་ཚོང་ལ་འགྲོ་བ་བཟང་།
གནམ་སྒོ།
བུ་ཆུང་གནམ་སྒོར་བུ་བཙས་དང་། །སྒོར་ཁྲིད་བྱས་ན་བར་ཆད་འོང་།།
མེ་ལྷ།
མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
༸ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དུས་ཆེན།