༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
ཟླ་བ། བོད་ཟླ་ ༩ ཚེས་ ༢༡
Mon 10-11-2025
ཚེས་ཁོངས། ཟླ་བ། ༢༡ ལག ཆུ་གཉིས། ཞི་བ། མགྲོན། མེ་ལྷ། ཚེས་ཁོངས།
གཟའ། ཟླ་བ་ཀླུ་གཟའ་བུད་མེད་བླ། །རྗེ་རིགས་དཀར་སེར་ཆུ་ཁམས་བཞི། །ལྷ་ཁང་རྨང་འདིང་རྟེན་བཞེངས་བཟོ།། དཀྱིལ་འཁོར་འབྲི་སྒྲུབ་རབ་གནས་བྱ། །བླ་མར་ཕྱག་ཡོན་ཀླུ་སྨན་གསོལ། །ཆར་དབབ་རྫིང་ཡུར་སོགས་ཆུའི་ལས། །གཉེན་བག་རྒྱན་འདོགས་བུད་མེད་ལས། །ཁྱད་པར་རྗེ་རིགས་དང་བཙུན་མོའི། །ལས་སྒྲུབ་སྨན་དཔྱད་བཅུད་ལེན་གཡང༌། །ཆང་བཙོ་ཁྲུས་དང་སྐྲ་སེན་འདྲེག །ཕོ་མོ་བཙས་དང་གོས་འདྲ་བྲན། །མེ་ཏོག་ཤིང་འཛུགས་ས་ཁ་འབྱེད། །ཞིང་འདེབས་ཁྱིམ་འཛིན་ཐབ་བཅའ་བ། །ལྟད་སྟོན་བསྡུམས་བྱ་རྟ་གླང་འདུལ། །དགེ་ཤིས་ཞི་རྒྱས་ལས་རྣམས་བཟང་། །ཁྱད་པར་ཕྱོགས་གཉིས་མཚན་མོ་དང༌། །བྱང་བགྲོད་ཀངྑའི་ཁྱིམ་དུ་སླེབས། །དར་བའི་དུས་སུ་སྟོབས་ཆེར་བརྗོད། །རབ་བྱུང་ཆོས་ཉན་གཡང་ཅན་ནོར། །ཕྱི་གཏོང་ལམ་ཞུགས་གོས་གྱོན་པ། །མཁར་ལས་ཆུ་རགས་རོ་སྲེག་པ། །སྲི་མནན་ཁ་མཆུ་དགྲར་རྒོལ་བ། །དབང་དང་དྲག་པོའི་ལས་རྣམས་ངན།། ཚེས། ཉེར་གཅིག་ཞིང་འདེབས་ལམ་དུ་འཇུག །ཕྱུགས་ཉོ་དབང་གི་ལས་ལ་བཟང་། །རབ་གནས་རྒྱལ་ས༌བྲན་བསྟེན་བག །ལྷ་ཁང་རྟེན་བཞེངས་སྐྲ་འཁྲུ་ངན།། སྐར་མ། ལག་ནི་དགྲ་སྐར་ཆུ་ཡི་ཁམས། །འབྲས་བུ་ངན་པ་བཤན་པའི་བླར། །རབ་བྱུང་རབ་གནས་བཟོ་ཡིག་སློབ། །ཞལ་ཆེ་སྲི་མནན་ས་བོན་འདེབས། །ཁྲོན་འོབས་རྫིང་འདྲུ་ཆང་འཚོང་བ། །སྣུམ་འཚིར་ཕྱུགས་ཉོ་ཚེ་གཡང་འགུགས། །རྒྱན་སྤྲོད་སྐྲ་འཁྲུ་བོན་ཆོག་བྱ། །དགེ་ལས་རོ་ལམ་འཇལ་ལེན་བྱེད། །ཞུ་འབུལ་ཐུག་འགྱེད་དམག་ཇག་དང༌། །གསོད་རྐུ་དགྲ་སྲི་བྲུབས་པ་སོགས། །ངན་སྤྱོད་དྲག་པོའི་ལས་རྣམས་བཟང་། །གཉེན་སྦྱོར་བག་མ་ཕྱུགས་འཇལ་བ། །ལྷ་གསོལ་གཤིན་ལས་གོས་དྲ་གྱོན། །ལམ་ཞུགས་རྒྱལ་ས་བསྡུམས་དང་སྐྱས། །ལྷ་ཁང་རྟེན་བཞེངས་བ་དན་འཛུགས། །གཏར་སྲེག་ཐབ་བཅའ་ཆུ་རགས་རྒྱག །སྦྲ་ཕྱར་འཚེམ་པ་ལ་སོགས་ངན།། འབྱུང་འཕྲོད། ཆུ་གཉིས་ནང་འཕྲད་བདུད་རྩི་སྦྱོར། །བདུད་རྩི་སྦྱོར་བས་ཚེ་སྟོབས་འཕེལ། །སྨན་སྦྱོར་ཁྲུས་བྱེད་བག་མ་ལེན། །ཚེ་དབང་ཚེ་སྒྲུབ་ཆོ་ག་དང་། །གཉེན་དང་ཚོང་བསྐྱེད་འཕེལ་ལས་བཟང་།། སྦྱོར་བ། ཞི་བ་འབྲས་བུ་ངེས་པར་སྟེར། གནམ་སྒོ། མགྲོན་གྱི་གནམ་སྒོར་དོན་གཉེར་དང་། །མགྲོན་བྱས་ཁྱིམ་དེ་གུད་པར་འགྱུར།།  མེ་ལྷ། མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
༸ འཕགས་པ་སྤྱན་རས་གཟིགས་ཀྱི་དུས་ཆེན།