༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
ཟླ་བ། བོད་ཟླ་ ༧ ཚེས་ ༢༤
Mon 15-09-2025
ཚེས་ཁོངས། ཟླ་བ། ༢༤ སྣར་མ། ས་ཆུ། རྡོ་རྗེ། དམག ཚེས་ཁོངས།
གཟའ། ཟླ་བ་ཀླུ་གཟའ་བུད་མེད་བླ། །རྗེ་རིགས་དཀར་སེར་ཆུ་ཁམས་བཞི། །ལྷ་ཁང་རྨང་འདིང་རྟེན་བཞེངས་བཟོ།། དཀྱིལ་འཁོར་འབྲི་སྒྲུབ་རབ་གནས་བྱ། །བླ་མར་ཕྱག་ཡོན་ཀླུ་སྨན་གསོལ། །ཆར་དབབ་རྫིང་ཡུར་སོགས་ཆུའི་ལས། །གཉེན་བག་རྒྱན་འདོགས་བུད་མེད་ལས། །ཁྱད་པར་རྗེ་རིགས་དང་བཙུན་མོའི། །ལས་སྒྲུབ་སྨན་དཔྱད་བཅུད་ལེན་གཡང༌། །ཆང་བཙོ་ཁྲུས་དང་སྐྲ་སེན་འདྲེག །ཕོ་མོ་བཙས་དང་གོས་འདྲ་བྲན། །མེ་ཏོག་ཤིང་འཛུགས་ས་ཁ་འབྱེད། །ཞིང་འདེབས་ཁྱིམ་འཛིན་ཐབ་བཅའ་བ། །ལྟད་སྟོན་བསྡུམས་བྱ་རྟ་གླང་འདུལ། །དགེ་ཤིས་ཞི་རྒྱས་ལས་རྣམས་བཟང་། །ཁྱད་པར་ཕྱོགས་གཉིས་མཚན་མོ་དང༌། །བྱང་བགྲོད་ཀངྑའི་ཁྱིམ་དུ་སླེབས། །དར་བའི་དུས་སུ་སྟོབས་ཆེར་བརྗོད། །རབ་བྱུང་ཆོས་ཉན་གཡང་ཅན་ནོར། །ཕྱི་གཏོང་ལམ་ཞུགས་གོས་གྱོན་པ། །མཁར་ལས་ཆུ་རགས་རོ་སྲེག་པ། །སྲི་མནན་ཁ་མཆུ་དགྲར་རྒོལ་བ། །དབང་དང་དྲག་པོའི་ལས་རྣམས་ངན།། ཚེས། ཉེར་བཞི་འབྲུ་འདེབས༌བྲན་གཡོག་བསྟེན། །ཕྱུགས་ཉོ་དབང་རྒྱས་ལས་ལ་བཟང་། །རབ་གནས་རྒྱལ་ས་སྐྲ་འཁྲུ་བ། །ལམ་དུ་འཇུག་པ་རྣམས་ལ་ངན།། སྐར་མ། སྣར་མ་གཡང་སྐར་ས་ཡི་ཁམས། །རབ་ཏུ་བརྟན་པ་ཕྱུགས་ཀྱི་བླར། །ཡུལ་གསར་གནས་གཞི་བཟུང་བ་དང༌། །ཁང་པ་ལྷས་རྩིག་རབ་ཏུ་བྱུང་། །རབ་གནས་རྒྱལ་ས་འཆད་ཉན་བྱེད། །ཚེ་གཡང་སྐྱོབ་དང་ནོར་ཕྱུགས་ལེན། །ཕྱུགས་སྦྱོར་རྟ་འདུལ་སྒ་རྒྱག་རྒྱུག །སྨན་སྦྱོར་གཏར་སྲེག་ས་ཁ་འབྱེད། །ས་བོན་སྐྱེ་ཤིང་མེ་ཏོག་འཛུགས། །ཀུན་ར་ལྡུམ་ར་ཆུ་རགས་རྩིག །དྲ་གྱོན་སྐྲ་འཁྲུ་བང་མཛོད་བཅའ། །སྦྲ་ཁྱིམ་འབུབས་སོགས་གཏན་ལས་བཟང་། །བུ་ལོན་འདད་དང་སྟོན་མོ་ལམ། །ཆང་བརྩོ་ནོར་ཕྱུགས་འཇལ་དམག་ཇག །གཉེན་སྒྲིག་བག་མ་གཤིན་གྱི་ལས། །འཕོ་སྐྱེས་བུ་སྲིང་རྫོང་རྣམས་ངན།། འབྱུང་འཕྲོད། ས་ཆུ་འཕྲད་པ་ལང་ཚོ་སྦྱོར། །ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད། །དགའ་སྟོན་བྱ་ཞིང་ཆེ་སར་འདོན། །གོས་གྱོན་རྒྱན་འདོགས་རོལ་རྩེད་བཟང་།། སྦྱོར་བ། རྡོ་རྗེ་འདོད་པ་ཐམས་ཅད་འཇོམས། གནམ་སྒོ། དམག་གི་གནམ་སྒོར་དམག་དྲངས་ན། །གཡུལ་ཕམ་གཡུལ་ཉེས་ལན་དགུ་ཟློས།།  
༸ སངས་རྒྱས་སའི་སྙིང་པོའི་དུས་ཆེན།