༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།
KALACHAKRA CALENDAR
༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།
KALACHAKRA CALENDAR
2024 - 2047
ལོ་ཐོའི་གསལ་བཤད།
གཞན་ལུགས་ལོ་ཐོ།
གཞན་ལུགས་ལོ་ཐོ།
Back
ཕུག་ལུགས།
མཚུར་ལུགས།
རྒྱུད་ལུགས།
ཉིན་རེའི་ཚེས་ཆ།
ཉིན་རེའི་ཚེས་ཆ།
Back
ཕུག་ལུགས།
མཚུར་ལུགས།
རྒྱུད་ལུགས།
སྒེར་ངོའི་སྐྱེས་རྩིས་བསྡུས་པ།
དམིགས་བསལ་དུས་ཆེན།
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།
2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
ལྷག་པ།
བོད་ཟླ་ ༧ ཚེས་ ༡༡
Wed
03-09-2025
ཚེས་ཁོངས།
ལྷག་པ། ༡༡ སྣྲུབས། ཆུ་གཉིས། སེལ་བ། མགྲོན།
ཀླུ་ཐེབས།
མེ་ལྷ།
ཚེས་ཁོངས།
གཟའ།
ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན།། སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམ་བྱ་འབྲེལ་སྟེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེངས་པ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན་བྲན་བསྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ།། རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོའི་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང༌། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི།། ཁྱིམ་དུ་སླེབས་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང༌།།
ཚེས།
བཅུ་གཅིག་རབ་བྱུང་སྐྲ་འཁྲུ་ཁྲུས། །འབྲུ་འདེབས་རྒྱལ་ས་དཀྱིལ་འཁོར་ལས། །ལྡུམ་ར་འཆུ་དང་སྟོན་མོ་ལམ། །བུ་ལོན་འཇལ་དང་ས་ཁ་འབྱེད། །གཏར་སྲེག་དྲག་པོའི་ལས་རྣམས་བཟང་། །འབྲུ་གདབ༌བྲན་བསྟེན་ཕྱུགས་ཉོ་བ། །རྟ་གླང་འདུལ་བ་རྣམས་ངན་ནོ།།
སྐར་མ།
སྣྲུབས་ནི་དམེ་སྐར་ཆུ་ཡི་ཁམས། །འབྲས་བུ་ངན་པ་དམངས་པོའི་བླར། །དམག་དྲང་བསད་དྲག་གྲོང་ཁྱེར་གཞོམ། །རབ་གནས་ཚེ་གཡང་རྟེན་བཞེངས་ཚོང༌། །འཕོ་སྐྱས་ལྷ་གསོལ་ཞལ་གསོ་དང༌། །ཁྲུས་བྱ་མཁར་ལས་བང་བ་རྩིག །སྒོ་འཛུགས་སྟོན་མོ་གཏམ་གཏོང་བ། །ཐུགས་འགྱེད་མོ་རྩིས་ས་བོན་འདེབས། །ནོར་རྫས་ཚུར་ལེན་ཆུ་སྲུང་གཏོང༌། །བྲན་བརྟེན་གཤིན་དགེ་མདོས་གཏོར་མནན། །དབང་དྲག་མངོན་སྤྱོད་ལས་རྣམས་བཟང་། །ཕར་འཇལ་ལམ་ཞུགས་རྒྱལ་སར་འཇུག །དྲ་གྱོན་བག་མ་དུར་གདབ་པ། །སྡུད་ཁ་ཟ་འགོ་འཛུགས་མིང་འདོགས། །སྤྲ་ཕྱར་ཐབ་བཅའ་རྒྱལ་མཚན་འཛུགས། །ཆུ་རགས་ཁྱིམ་འཛིན་ཆེན་པོའི་ལས། །སྦྱིན་སྲེག་ཞི་རྒྱས་ལས་རྣམས་ངན།།
འབྱུང་འཕྲོད།
ཆུ་གཉིས་ནང་འཕྲད་བདུད་རྩི་སྦྱོར། །བདུད་རྩི་སྦྱོར་བས་ཚེ་སྟོབས་འཕེལ། །སྨན་སྦྱོར་ཁྲུས་བྱེད་བག་མ་ལེན། །ཚེ་དབང་ཚེ་སྒྲུབ་ཆོ་ག་དང་། །གཉེན་དང་ཚོང་བསྐྱེད་འཕེལ་ལས་བཟང་།།
སྦྱོར་བ།
སེལ་བར་ལམ་སེལ་བྱེད་པ་བཟང་།
གནམ་སྒོ།
མགྲོན་གྱི་གནམ་སྒོར་དོན་གཉེར་དང་། །མགྲོན་བྱས་ཁྱིམ་དེ་གུད་པར་འགྱུར།།
ཀླུ་ཐེབས།
ཀླུ་ཐེབས་དུས་སུ་ཆར་དབབ་པ། །ཀླུ་ཆོག་ཀླུ་གཏོར་གཏོང་བ་དང་། །ཀླུ་ལ་མནན་གཏད་སྐྱེལ་སོགས་བཟང་། །
མེ་ལྷ།
མེ་ལྷ་ས་སྟེང་གནས་པར་བརྟེན། །སྲེག་བླུགས་འབུལ་ན་སྒྲུབ་པ་པོར། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །
- - -