༸ དུས་འཁོར་སྲོལ་རྒྱུན་ལོ་ཐོ།KALACHAKRA CALENDAR
བོད་རྒྱལ་ལོ། ༢༡༥༢
ཤིང་ཕོ་འབྲུག་ལོ།2025
ཤིང་མོ་སྦྲུལ་ལོ།
དེ་རིང་གི་ཚེས་གྲངས།
ཉི་མ། བོད་ཟླ་ ༥ ཚེས་ ༤
Sun 29-06-2025
ཚེས་ཁོངས། ཉི་མ། ༤ སྐག མེ་ཆུ། ཀུན་འཇོམས། དམག ཚེས་ཁོངས།
གཟའ། ཉི་མ་ལྷའི་གཟའ་སྐྱེས་པ་དང༌། །རྒྱལ་པོའི་བླ་གཟའ་རྒྱལ་རིགས་ཏེ། །ཞི་བ་དམར་སྐྱ་མེ་ཡི་ཁམས། །ལྷ་གསོལ་སྐྱེས་པས་བསྒྲུབ་པའི་ལས། །ཁྱད་པར་རྒྱལ་པོར་བསྐོ་བ་དང་། །ཕོ་བྲང་འདེབས་སོགས་རྒྱལ་སྲིད་དང༌། །རྒྱལ་རིགས་ཀྱིས་སྒྲུབ་བྱ་བའི་ལས། །མི་ཆེན་མཇལ་དང་ཕྱག་འབུལ་པ། །མེའི་ལས་ཁྱད་པར་དབང་དྲག་ཧོ། །ཐབ་བཅའ་བུ་བཙས་རབ་ཏུ་བྱུང༌། །སྨན་སྦྱོར་ཁྲུས་དང་དྲི་ཡི་ལས། །དངོས་པོ་ཚུར་ལེན་རྟ་ཕྱུགས་འདུལ། །གསེར་ཤིང་རུས་པ་པགས་པའི་བཟོ། །འབྲོག་དགོན་ནགས་ཁྲོད་འགྲོ་བ་དང༌། །གསོན་སྟོན་ཡོ་ལངས་དགེ་ཤིས་སོགས། །གསོན་པོའི་བྱ་བ་སྒྲུབ་པ་བཟང༌། །ཁྱད་པར་ཉིན་མོ་ཟླ་བའི་སྨད། །བྱང་བགྲོད་དུས་དང་སེང་ཁྱིམ་སླེབས། །དར་བའི་དུས་སུ་སྟོབས་ཆེའོ། །ལྷ་ཁང་ཁང་གསར་རྨང་གཞི་འདིང༌། །ཕྱིར་གཏོང་ལམ་ཞུགས་མནའ་སྐྱེལ་དགག །ནད་འདྲི་བག་མ་གོས་དྲ་གྱོན། །མི་ཤི་གཤིན་ཆོས་ཤིད་རོ་འདོན། །སྐྲ་སེན་འདྲེག་དང་སྦྲ་ཕྱར་འཚེམ། །གཏར་སྲེག་སྲི་མནན་བསྡུམས་བྱེད་པ། །རྫིང་ཡུར་ས་ཁ་ཞིང་འདེབས་དང༌། །མེ་ཏོག་ཤིང་འཛུགས་རབ་གནས་སྐྱས། །ཁྱིམ་འཛིན་བང་མཛོད་རྩིག་རྣམས་ངན།། ཚེས། ཚེས་བཞི་སྐྲ་འཁྲུ༌བྲན་གཡོག་བསྟེན། །ཕྱག་བྱ་ཤིང་གཅོད་ཚོང་བྱ་བ། །ཆང་བཙོ་དཀར་ཕྱོགས་ཞི་ལས་བཟང་། །རབ་བྱུང་རབ་གནས་དམག་འདྲེན་དང་། །ཞལ་ལྕེ་གཅོད་དང་ལམ་ཞུགས་དང་། །འབྲུ་འདེབས་བག་མ་གཏར་སྲེག་དང་། །རྫིང་ཁྲོན་འདྲུ་རྣམས་ངན་པས་སྤང་།། སྐར་མ། སྐག་ནི་མགྲོན་སྐར་ཆུ་ཡི་ཁམས། །འབྲས་བུ་ངན་པ་ཁྱི་གཅན་བླར། །དཀྱིལ་འཁོར་འབྲི་སྒྲུབ་གྲོང་ཁྱེར་གཞོམ། །དམག་ཇག་གསོད་གཅོད་སེར་བ་དཔབ། །རྒྱན་བརྡུང་རྫིང་ཡུར་འདྲུ་ལམ་འཆོས། །ར་བ་རགས་རྩིག་ཞུ་གསོལ་ཚོང་། །དགྲ་བྲུབ་སྲི་མནན་བུ་ལོན་འཇལ། །མི་ཤི་སྐབ་ཆོག་གཤིན་ཆོས་དང་། །གསེབ་གཏོང་གྲོས་ཐག་གཅོད་ཆུ་སྒྱུར། །ཕ་རོལ་གཡོ་བསླུས་སྐྱེ་ཤིང་འཛུགས། །ཞི་བའི་ལས་དང་ཁྱད་པར་དུ། །མངོན་སྤྱོད་དྲག་པོའི་ལས་ཀུན་བཟང་། །རབ་གནས་ལྷ་གསོལ་སྨན་སྦྱོར་སྐྱས། །དྲ་གྱོན་རྒྱན་འདོགས་རྒྱལ་སར་བསྐོ། །མཁར་ལས་ལྷ་ཁང་རྟེན་བཞེངས་བ། །མོ་རྩིས་དོན་གཉེར་ཁྱིམ་གསར་འཛིན། །ཕྱུགས་འདུལ་འབྲེལ་སྟེག་ལམ་དུ་འཛུག །ཐབ་བཅའ་སྦྲ་ཕྱར་ར་ཕྱིར་གཏོང༌། །རྟ་བོང་སྒ་བཅོས་ཞལ་ཆེ་བག །རོ་འདོན་ལྟད་མོ་ཐག་ཁྲི་འཛུགས། །དགེ་ཆོས་བརྟན་པའི་ལས་རྣམས་ངན།། འབྱུང་འཕྲོད། མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཕ་རོལ་གསོད་དང་དུག་སྦྱོར་དང་། །མཐུ་གཏད་ལ་སོགས་རིག་པས་བསྒྲུབ། སྦྱོར་བ། ཀུན་འཇོམས་ལ་ནི་མཛེ་ནད་ལྡང་། གནམ་སྒོ། དམག་གི་གནམ་སྒོར་དམག་དྲངས་ན། །གཡུལ་ཕམ་གཡུལ་ཉེས་ལན་དགུ་ཟློས།།  
- - -